作业标题 :研修作业(二)提交要求 作业周期 : 2018-11-06 — 2019-03-20
作业要求 : 提交一篇教学设计及反思,内容为近期个人教学过程中使用的教学设计,写出具体的反思感悟,不少于800字。
发布者 :王老师
提交者:学员拉么热旦 所属单位:天峻县第一民族中学 提交时间: 2018-11-23 11:19:49 浏览数( 2 ) 【举报】
གནའ་རབས་ཀྲུང་གོའི་དཔལ་འབྱོར་གྱི་རྩ་བའི་སྒྲིག་གཞི་དང་ཁྱད་ཆོས།
སློབ་ཚན། 1 དར་རྒྱས་ཆེ་བའི་གནར་རབས་ཞིང་ལས།
སློབ་སྤྱོང་གི་དམིགས་ཚད།
༡.གནའ་རབས་ཀྲུང་གོའི་ཞིང་ལས་ཐོན་སྐྱེད་ཡོ་བྱད་དང་རྨོ་འདེབས་བྱེད་སྟངས་ཀྱི་རིམ་འགྱུར། དེ་མིན་ཞིང་ལས་འཕེལ་ཚུལ་བཅས་ཁོང་དུ་ཆུད་དགོས།༼གཙོ་གནད།༽
༢.སྐྱེས་པས་ཞིང་རྨོ་བ་དང་སྐྱེས་མས་རས་འཐག་པའི་ཞིང་ཆུང་དཔལ་འབྱོར་གྱི་གཞི་རྩའི་ཁྱད་ཆོས་དང་དེའུ་ཤུགས་རྐྱེན་གོ་བ་ལོན་དགོས།༼དཀའ་གནད།༽
༣.གནའ་རབས་ཀྲུང་གོའི་ཞིང་ལས་དཔལ་འབྱོར་གྱི་གཞིའི་རྩའི་ཁྱད་ཆོས་ཕྱོགས་སྡོམ་བྱེད་དགོས།
དང་པོ།དུས་སྔ་མོའི་ཞིང་ལས་ཐོན་སྐྱེད་བྱུང་ཚུལ།།
༡.འབྱུང་ཁོངས།ཀྲུང་གོ་ནི་འཛམ་གླིང་གི་ཞིང་ལས་ཐོག་མར་བྱུང་བའི་ས་ཁུལ་གྱི་གྲས་ཡིན་ལ།ལོ་ངོ་ཅིག་ཁྲི་ཡས་མས་ཀྱི་སྔོན་ནས་ཞིང་ལས་བྱུང་།ཀྲུང་གོ་ནི་འཛམ་གླིང་སྟེང་ཆུ་འབྲས་དང་ཁྲེ་འདེབས་གསོ་བྱས་པ་ཆེས་སྔ་བའི་རྒྱལ་ཁབ་ཡིན།
༢.གདོད་མའི་ཞིང་ལས་ཀྱི་རྨོ་ལས་བྱེད་ཐབས་གཙོ་བོ་ནི་གྲི་རྨོད་སྲེག་འདེབས་ཡིན།
མི་རྣམས་ཀྱིས་ཐོག་མར་རྡོ་གྲི་་དང་རྡོའི་སྟ་རེས་ནགས་བཅད་དེ་བསྐམས་རྗེས་མེར་སྲེག་པ་དང་།དེ་ནས་རྡོའི་ཐོང་བཤོལ་གྱིས་ས་བསློགས་ནས་ས་ཞིང་རྨོ་བ་རེད།ལོ་གཅིག་ནས་གཉིས་ལ་རྨོ་འདེབས་བྱས་རྗེས་ས་བཅུད་ཉམས་འགྲོ་བས།ས་ཞིང་གཤིམ་པོ་འཚོལ་བའི་ཆེད་དུ་མི་རྣམས་རྒྱུན་དུ་གནས་སྤོར་མི་བྱེད་ཀ་མེད་བྱུང་།
༣.ཞ་དང་ཧྲང་།ཀྲོའུ་རྒྱལ་རབས་ཀྱི་ཞིང་ལས།ལེ་སི་དང་ལི་ཀྱི་ཞིང་ཆས་བེད་སྤྱོད་བྱས་པ།
༼༡༽ཐོན་སྐྱེད་གཉེར་བའི་ལག་ཆར་ཡར་རྒྱས།ཧྲང་དང་ཀྲོའུ་རྒྱལ་རབས་དུས་སུ།ལི་བཟོས་ཞིང་ཆས་བྱུང་བ།ལི་ནི་ཅུང་རྩ་ཆེ་བར་བརྟེན་ཞིང་ལས་ཐོན་སྐྱེད་དུ་བཀོལ་བ་ཧ་ཅང་ཉུང་།ཤིང་གི་ལེ་སི་དང་རྡོ་ཁེམ།རྡོའི་ཐོང་གཤོལ་བཅས་ནི་སྔར་བཞིན་མི་རྣམས་ཀྱིས་ཐོན་སྐྱེད་གཉེར་བའི་ལག་ཆ་གཙོ་བོ་ཡིན།
༼༢༽རྨོ་ལས་ལག་རྩལ་གྱི་ཡར་རྒྱས།མི་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་ལས་ཡུར་བ་བརྐོས་ནས་ཆུ་གཏོང་བ་དང་ཡུར་མ་ཡུར་བ།ས་རྒྱུ་གསོ་བ།རྩྭ་ལྡུམ་གྱི་ལུད་རྫས་བཟོ་བ།གནོད་འབུའི་གནོད་སྐྱོན་འགོག་པ་སོགས་ཡོད།དེ་ལྟར་ས་ཞིང་མུ་མཐུད་དུ་རྨོ་འདེབས་བྱས་ཆོག་པས།ས་ཞིང་བེད་སྤྱོད་ཀྱི་ཚད་མཐོར་འདེགས་ཆེན་པོ་བྱུང་བ་རེད།
༼༣༽ཞིང་ལས་ལོ་ཏོག་གི་འཕེལ་རྒྱས།ཀྲོའུ་ནུབ་མའི་དུས་སྐབས་སུ།ཁྲེ་རྒོད་དང་འབྲས། ཁྲེ། ནས། གྲོ། དར་ཤིང་།སོ་བ་སོགས་ལོ་ཏོག་གི་རིགས་སྔར་ལས་ལྷག་པར་ཕུན་སུམ་ཚོགས་པོ་ཡོད་པས།མི་རབས་རྗེས་མའི་ལོ་ཏོག་གཙོ་བོ་མང་ཆེ་ཤོས་འཛོམས་ཡོད།༥
༤.དུས་སྔ་མོའི་ཞིང་ལས་འཕེལ་རྒྱས་ཀྱི་ཤུགས་རྐྱེན།
༼༡༽ཞིང་ལས་ཐོན་སྐྱེད་འཕེལ་བ་དང་བསྟུན་ནས་མི་རྣམས་རྒྱུན་པར་གནས་སྤོར་བ་ནས་གཞི་ཆགས་པའི་མགོ་བརྩམས།
༼༢༽ཀྲུང་གོའི་ཞིང་ལས་རང་ཚུགས་ཀྱིས་འཕེལ་རྒྱས་བྱུང་སྟེ་རང་ཉིད་ཀྱི་མ་ལག་གྲུབ་ཅིང་།ཀྲུང་གོའི་གནའ་རབས་ཞིང་ལས་སྤྱི་ཚོགས་ཀྱི་རྨང་གཞི་བཏིངས་པ་རེད།
གཉིས་པ། ལེགས་རྨོས་ཞིབ་ལས་ཀྱི་སྲོལ་རྒྱུན་ཞིང་ལས།
1.ལྕགས་ཆས་རྨོན་ཕྱུགས་ཀྱི་དར་རྒྱས་དང་འཕེལ་རྒྱས།
༼1༽ཁྲུན་ཆིའུ་དང་ཀྲན་གོའི་དུས་སྐབས་སུ།མི་རྣམས་ཀྱིས་ལྕགས་ཀྱི་ཞིང་ཆས་དང་རྨོན་ཕྱུགས་བཀོལ་བའི་མགོ་བརྩམས་ཤིང་རིམ་བཞིན་ཁྱབ་གདལ་དུ་གྱུར།
༼2༽ཧན་ནུབ་མ། ཀྲོ་ཀུའོ་ཡིས་ཁྱབ་གདལ་བཏང་བའི་རྨོན་ཕྱུགས་དོར་སྦྲེལ་ནི་རྨོན་ཕྱུགས་གཉིས་ཀྱིས་འདྲུད་དགོས་པ།རྗེས་སུ་ལོག་རྒྱག་པ་དང་ས་སློག་པ་བཅས་ཡོད།
༼3༽ཧན་ཤར་མའི་དུས་སྐབས་སུ།ཀྲུའུ་ཅང་གཙང་བོའི་འབའ་ཡུལ་དུ་ཁྱབ་གདལ་བྱུང་ཡོད།
༼4༽ཧན་རྒྱལ་རབས་ཀྱི་རྗེས་སུ།ལྕགས་གཤོལ་དང་རྨོན་ཕྱུགས་བཀོལ་ནས་རྨོན་འདེབས་བྱེད་པ་ནི་རང་རྒྱལ་སྲོལ་རྒྱུན་ཞིང་ལས་ཀྱི་རྨོ་འདེབས་ཐབས་ལམ་གཙོ་བོར་གྱུར།
༼5༽སུའེ་དང་ཐང་རྒྱལ་རབས་ཀྱི་དུས་སྐབས་སུ།འབྲི་ཆུའི་ཤར་ཕྱོགས་ས་ཁུལ་དུ་ཐོང་གཤོལ་མདའ་སྒུར་མ་བྱུང་།དེ་ནས་བཟུང་།རང་རྒྱལ་གྱི་ཐོང་གཤོལ་ཧ་ཅང་ཚད་ལྡན་ཡིན་པས་རྗེས་རབས་པས་དུས་ཡུན་རིང་པོར་བཀོལ་སྤྱོད་བྱས།
2.རྨོ་ལས་ལག་རྩལ་མུ་མཐུད་དུ་ཡར་རྒྱས་བྱུང་བ།
༼༡༽ཁྲུན་ཆིའུ་དང་ཀྲན་གོའི་དུས་སྐབས་སུ།རྣང་ཐོག་འདེབས་ལས་ཀྱི་བྱེད་ཐབས་བཀོལ་སྤྱོད་བྱས།
༼༢༽ཧན་ནུབ་མའི་ཀྲའོ་ཀུའོ་ཡིས་ངལ་རྩོལ་མི་དམངས་ཀྱི་ཐོན་སྐྱེད་ཉམས་མྱོང་སྤྱི་སྡོམ་བྱས་ཏེ།ཤུར་འདེབས་བྱེད་ཐབས་ཁྱབ་སྤེལ་བྱས།
༼༣༽ཝེ་ཅིན་ལྷོ་བྱང་རྒྱལ་རབས་ཀྱི་དུས་སྐབས་སུ།བྱང་ཕྱོགས་ཀྱི་རི་མ་ལ་ཞིང་རྨོ་ཡུར་རྒྱག་དང་ཤལ་རྒྱག་པའི་ལག་རྩལ་གྲུབ་པ།
3. རྨོ་འདེབས་ལམ་ལུགས།
ཧན་
|
སུང་རྒྱལ་རབས་ཀྱི་རྗེས་སུ།ལྷོ་ཕྱོགས་རིམ་བཞིན་ལོ་རེར་ཐེངས་གཉིས་རེ་སྨིན་པ་དང་ས་ཁུལ་ཁ་ཤས་སུ་ལོ་རེར་ཐེངས་གསུམ་རེ་སྨིན་པའི་ལུགས་སྲོལ་དར། |
4. ཆུ་བེད་བཟོ་བཀོད་ལག་རྩལ་གྱི་འཕེལ་རྒྱས།
(1)ཆུ་བེད་བཟོ་བཀོད།རང་རྒྱལ་གནའ་རབས་ནས་བཟུང་ཞིང་ལ་ཆུ་འདྲེན་པར་མཐོང་ཆེན་བྱེད་བཞིན་ཡོད་དེ།ཀྲན་གོའི་དུས་སྐབས་ཀྱི་ཏུའུ་ཅང་ཆུ་རགས་དང་།ཧན་རྒྱལ་རབས་ཀྱི་ཚའོ་ཆུས་ཡུར་བ།པའོ་ཆུས་ཡུར་བ།ལུང་ཧྲོའུ་ཆུས་ཡུར་སོགས་སྐད་གྲགས་ཆེ་བའི་ཆུ་བེད་བཟོ་བཀོད་ཡོད།
(2)ཆུ་འདྲེན་ལག་ཆ།མི་རྣམས་ཀྱིས་ད་དུང་ཞིང་ཆུ་འདྲེན་བྱེད་ཀྱི་ལག་ཆ་གསར་བཟོ་དང་ལེགས་བཅོས་བྱས།
ཆུ་འདྲེན་འཁོར་ལོ། ཟོ་ཆུན་འཁོར་ལོ། སྟེང་འཁོར་ཟོ་ཆུན་འཁོར་ལོ། རླུང་ཤུགས་ཆུ་འཁོར།
І І І І
ཚའོ ་ཝེ། ཐང་རྒྱལ་རབས། སུང་རྒྱལ་རབས། མིང་ཆིང་རྒྱལ་རབས།
གསུམ་པ། སྐྱེས་་པས་ཞིང་རྨོ་བ་དང་བུད་མེད་ཀྱིས་ཐགས་འཐག་པའི་ཞིང་ཆུང་དཔལ་འབྱོར།
1. ཞིང་ལས་བདག་གཉེར་བྱེད་ཐབས་ཀྱི་འཕོ་འགྱུར།
①ཧྲང་རྒྱལ་རབས་དུས་སུ།ས་ཞིང་རྒྱལ་ཁབ་ལ་དབ
(1)འཕོ་འགྱུར། ང་བར་བྱས་ཏེ་་ངལ་རྩོལ་པས་ཞིང་ཁར་ཐུན་གིས་
རྨོ་ལས་བྱེད་པ་རེད།
②ཁྲུན་ཆིའུ་ཀྲན་གོའི་དུས་སུ།དུས་ཁྱིམ་རེ་རེ་བྱས་ཏེ་་་
ཞིང་ཆུང་དཔལ་འབྱོར་རིམ་གྱིས་གྲུབ་པ་རེད།
(2)①སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཆུ་ཚད།ཞིང་ཆས་དང་ཐོན་སྐྱེད་ལག་རྩལ་གྱི་ཡར་ཐོན།
②ས་ཞིང་སྤྱི་ལ་དབང་ལམ་ལུགས་ཀྱི་འགྱུར་ལྡོག ས་ཞིང་རྒྱལ་ཁབ་ལ་དབང་བའི་ལང་ཙི་ལམ་ལུགས་ནས་ས་ཞིང་སྒེར་ལ་དབང་བའི་ལམ་ལུགས།
(3) ཁྱད་ཆོས།ཐུན་མོང་གི་ངལ་རྩོལ་ནས་མི་སྒེར་གྱི་ངལ་རྩོལ་གྱི་འགྱུར་ལྡོག་བརྒྱུད།
2. ཞིང་ཆུང་དཔལ་འབྱོར་གྱི་ཁྱད་ཆོས།
(1)སྐྱེས་པས་ཞིང་རྨོ་བ་དང་བུད་མེད་ཀྱིས་ཐགས་འཐག་པ།དུད་ཁྱིམ་རེ་རེ་བྱས་ཏེ་སྐྱེས་པས་ཞིང་རྨོ་བ་དང་བུད་མེད་ཀྱིས་ཐགས་འཐག་པའི་ཞིང་ཆུང་དཔལ་འབྱོར་རིམ་གྱིས་གྲུབ་པ་རེད།
(2)རང་ཁོམ་རང་འདང་།ཐོན་སྐྱེད་བྱེད་པའི་དམིགས་ཡུལ་གཙོ་བོ་རང་ཁྱིམ་གྱི་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་བ་དང་དཔྱ་ཁྲལ་འཇལ་བའི་ཆེད་དུ་ཡིན།རང་མཁོ་རང་འདང་།
(3)ཐོན་སྐྱེད་བརྩོན་སེམས་རང་བཞིན།ཞིང་པར་ས་ཞིང་དང་ཞིང་ཆས།རྨོན་ཕྱུགས་སོགས་ཐོན་སྐྱེད་རྒྱུ་ཆ་ངེས་ཅན་ཞིག་འཛོམས་ཡོད་པས་ཐོན་སྐྱེད་ཀྱི་བརྩོན་སེམས་ལྡན་མོད།
(4)ཧ་ཅང་ཉམ་ཆུང་བ།ཞིང་ལས་བདག་གཉེར་ཁྱབ་རྒྱ་ཆུང་བ།ཞིང་པས་འཁུར་བོ་ལྕི་བ་དང་།ས་ཞིང་ཤོར་བའམ་ཁྱིམ་ཚང་སྟོངས་པར་གྱུར་ནས་ཡུལ་འཁྱར་བྱེད་དགོས་བྱུང་།
3.གདེང་འཇོག རང་མཁོ་རང་འདང་གི་རང་བྱུང་དཔལ་འབྱོར་ནི་ཀྲུང་གོའི་སྲོལ་རྒྱུན་ཞིང་ལས་སྤྱི་ཚོགས་ཐོན་སྐྱེད་ཀྱི་གཞི་རྩའི་མ་དཔེ་ཡིན།ཞིང་བས་ཁྱབ་ཆུང་བའི་ས་ཞིང་སྟེང་དུ་རྨོ་འདེབས་ལག་རྩལ་མཐོར་འདེགས་བྱས་ནས་རང་རྒྱལ་ཞིང་ལས་ཀྱི་ལེགས་རྨོས་ཞིབ་ལས་ལ་བྱ་རྗེས་གལ་ཆེན་བཞག
麻烦提交汉文版的,谢谢!
评语时间 :2018-12-03 13:14:56